Meditation Center

Meditation Center Night Meditation Center 

Venerable Khenpo Tsewang Rigzin established Namgon Retreat Centre, The Prosper of Virtuous Meditation. On 15 April 2021 Venerable Khenpo Palden Zangpo and an Assembly member of Gandaki Province Honorable Indra Dhara Bista inaugurated this retreat center. Namgon Retreat Center is open for everyone who truly wishes to invest their time in spiritual practice. This retreat center is built on a peaceful hill near 'Fewa Lake' in Pokhara, Nepal.

༄༅། །རྣམ་དགོན་སྒྲུབ་ཁང་བསམ་གཏན་དགེ་འཕེལ་གླིང་གི་སྒྲིག་གཞི།

ཨོཾ་སྭསྟི།

༈ ངག་དབང་སྒྱུ་འཕྲུལ་ལྷ་རིགས་འཁོན་གྱི་གདུང་། །

འགྲོ་ཀུན་དགའ་མཛད་ཐེག་ཆེན་མདོ་སྔགས་ལམ། །

ཕན་བདེའི་དཔལ་དུ་འབར་བའི་འཕྲིན་ལས་ཅན། །

བསམ་འཕེལ་དབང་གི་རྒྱལ་པོ་ཞབས་བརྟན་གསོལ། །

འཇམ་དཔལ་དཔའ་བོའི་སྤོབས་པའི་གཏེར་ཆེན་ཚོགས། །

དབྱངས་ཅན་དགའ་མས་ཅིག་ཏུ་སྤུངས་པའི་དཔྱིད། །

བསྟན་པའི་སྤྱི་ནོར་སྲིད་མུན་དྲུང་འབྱིན་པའི། །

ཐེག་ཆེན་ཆོས་ཀྱི་ཉི་མ་འཚོ་བཞེས་གསོལ། །

༡༽ ཐུན་མོང་གི་སྔོན་འགྲོར། ཞེན་པ་བཞི་བྲལ་ཉུང་མཐར་ཟླ་བ་གསུམ་སྒོམ་རྒྱུ།

༢༽སྐབས་བབ་སྒྲུབ་ཐབས་གང་ཡིན་གྱི་ཐུན་མིན་སྔོན་འགྲོ་འབུམ་བཞི་སོགས། སྒྲུབ་ཐབས་དེ་དང་དེེར་

གང་བཀོད་གཞིར་བཟུང་ལ་བརྩོན་རྒྱུ།

༣༽ ཐུན་མོང་སྔོན་འགྲོ་ཞེན་པ་བཞི་བྲལ་ནས། ཐུན་མིན་སྔོན་འགྲོ་འབུམ་བཞི་སོགས་བསྒྲུབས་ནས། མུ་འཐུད་དེ། བསྙེན་པ་ཁ་སྐོང་སྦྱིན་སྲེག་དང་བཅས་པ་བསྒྲུབས་ནུས་ན་རབ། དེ་ལྟའི་ཆ་ཤས་མེད་པའམ་

མ་ནུས་ན། སྔོན་འགྲོ་གཉིས་ཀྱི་མཐར་ཡང་། མཚམས་འཇོག་བྱེད་ཆོག་གོ ། །

༤༽ སྐུ་མཚམས་བཞུགས་མཁན་རྣམས། བཞེས་ལག་མཉམ་པོར་མཆོད་སྐབས། ཐུན་མོང་ནས་ཡར་དཀོན་ མཆོག་ལ་མཆོད་པ་འབུལ་རྒྱུ་དང་། ཉིན་ལྟར་དགོང་ཚིགས་རྗེས་སུ་བསྟན་པའི་སྦྱིན་བདག་རྣམས་ཀྱི་ཆེད།

སྨོན་ལམ་སྣ་ལྔ་རེས་མོས་སུ་འདོན་རྒྱུ།

༥༽ སྐུ་མཚམས་བཞུགས་མཁན་རྣམས། སྔོན་འགྲོའི་སྐབས། བདུན་ཕྲག་རེའི་མཚམས་སུ་དྲྭ་ལམ་

འགུལ་ཆོག་ལ། དངོས་གཞིའི་སྐབས་ནི། གཏན་ནས་མི་ཆོག

༦༽ སྔོན་འགྲོའི་སྐབས། སོ་སོའི་ཉེ་འབྲེལ་སོགས་ཐུག་ཆོག་ལ། དངོས་གཞིའི་སྐབས་སུ་ནི། ཞབས་ཕྱིས་

དང་སྨན་པ་དམིགས་གཏད་ཅན་མ་གཏོགས་གཞན་གང་འཐད་ཐུག་མི་ཆོག མདོར་ན། རྡོ་རྗེ་སློབ་དཔོན་ཀྱི་

རེས་མོས་སོགས་ཙམ་ཞིག་བཟློག་ཆེད་དང་། གནས་སྐབས་གྲོང་ཆོག་སོགས་ལ་ཕན་པ་ཙམ་ཞིག་མིན་པར། མྱོང་བ་མངོན་འགྱུར་གྱི་དམིགས་ཡུལ་ཞིག་འཁུར་དུ་བླངས་ཏེ། སྒྲུབ་ཁང་འདིར་ཕེབས་མཁན་སུ་དང་སུ་

འབྱུང་ཚེ། སྒྲུབ་ཁང་འདི་ཉིད་ཀྱི་དམིགས་ཡུལ་ཡང་། ཆུང་ས་ནས་སྒྲུབ་པ་པོ་རང་གི་ཚོགས་བསག་སྒྲིབ་སྦྱོང་

གང་འཇོན་དང་། ཆེ་ས་ནས། གང་ཐུབ་ཉམས་སྣང་ཕྲ་རགས་ཤར་ཐུབ་པ་དང་། ཐུན་མོང་དུ་བསྟན་པའི་

སྦྱིན་བདག་རྣམས་ཀྱི་སྐུ་ལས་དང་དུ་བླངས་པའི་ཞབས་འདེགས་ཆེན་མོ་དེ་དག་ཀྱང་ཆུ་ཟོས་སུ་གང་ཐུབ་གཏན་ནས་མི་འགྲོ་བར་གང་ནན་བརྩོན་བཞིན་མཆིས་ན། དེ་དང་དེར་དུས་ནམ་ཡང་དགའ་བཀུར་འབུམ་གྱིས་བསུ།

བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །

བསྟན་འཛིན་སྐྱེ་བོས་ས་སྟེང་ཡོངས་ལ་ཁྱབ། །

བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས། །

བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །

སརྦ་མངྒ་ལཾ། ། 

 

Code of Discipline: Namgon Retreat Centre.

  1. It is mandatory to meditate for at least three months at the main retreat for practicing "Parting of four Attachment" to all the beginners.
  2. While you are at the beginning of the retreat, it is much needed to accumulate the mantras of the particular retreat you are staying in and refuge practice etc.
  3.  After the completion of three months of Preliminary retreat, it is per individual choice to stay further or to end up here.
  4. Those who are staying in retreat are requested for offering to triple gem together before the meals, and praying "Monlam" after dinner for the sponsors.
  5.  You are allowed to use the gadgets once a week during the Preliminary retreat but it is strictly not allowed to use the gadgets during the time of Principal/actual retreat.
  6. During the time of Preliminary retreat, he/she is allowed to meet his/her friends and relatives for any purposes but at the time of Principal/actual retreat no one is allowed to meet any person except his/her caretakers and reference person of mediation.
  7.  

 

 Sarva Mangalam!